ངེས་དོན་རྟག་བརྟན་བཤད་སྒྲུབ་ཆོས་འཁོར་གླིང་།

༄༅༎    བལ་ཡུལ་ཇོ་ནང་དགོན་ངེས་དོན་རྟག་བརྟན་བཤད་སྒྲུབ་ཆོས་འཁོར་གླིང་། 

 ཨོཾ་བདེ་ལེགས་སུ་གྱུར་ཅིག     མཉམ་མེད་ཤཱཀྱ་སེང་གེའི་བསྟན་པ་ཉིད།། 
མ་ཉམས་ཚུལ་བཞིན་འཛིན་པའི་སྐྱེས་བུ་མཆོག།   
ཀུན་མཁྱེན་དོལ་པོ་ཡབ་སྲས་རྒྱུད་འཛིན་བཅས།།   
གུས་པས་བསྟོད་དེ་བྱིན་རླབས་དྲི་ཆར་ཕོབ།།

དེ་ལ་འདིར་བལ་ཡུལ་ཇོ་ནང་དགོན་ངེས་དོན་རྟག་བརྟན་བཤད་སྒྲུབ་ཆོས་འཁོར་གླིང་ནི་༧མཆོག་སྤྲུལ་བཀྲ་ཤིས་རྒྱལ་མཚན་མཆོག་གིས་ཕྱི་ལོ་ ༼ ༢༠༠༥༽ ལོར་གནས་མཆོག་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་གྲམ་དུ་གསར་འཛུགས་གནང་བ་ཞིག་ཡིན་ལ།   དགོན་འདི་བལ་ཡུལ་དུ་རྒྱལ་བ་ཇོ་ནང་བའི་གདན་ས་བྱུང་བ་ཐོག་མ་ཡིན།
   རིམ་པས་མཆོག་སྤྲུལ་རིན་པོ་ཆེའི་དགོངས་བཞེད་ལྟར་སྔོན་གང་ཅན་བོད་ཀྱི་རིགས་རུས་ལས་ཀྱེས་པ་ཡིན་ཀྱང་ད་སྐབས་བལ་བོའི་རྒྱལ་ཁབ་ཀྱི་ཁོངས་གཏོགས་ཧི་མ་ལའི་རི་རྒྱུད་ན་ཡོད་པའི་དོལ་པོ་ དང་།  ཀརྨ་ལུང་པ།     ཡོར་མོ།  མུ་གུམ་སོགས་དང་།   གཞན་རྒྱ་གར་གྱི་མངའ་ཁོངས་ན་ཡོད་པའི་མོན་པ་སོགས་ནས་གྲྭ་རྒྱུན་བསྡུས་ཏེ།   ༧མཆོག་སྤྲུལ་རིན་པོ་ཆེས་གཟིགས་སྐྱོང་འོག་ད་ལྟ་གྲྭ་བ་བརྒྱད་ཅུ་ལྷག་གིས་སྐད་ཡིག་དང་ཐུན་མོང་སུམ་རྟགས་དག་གསུམ་བསྡུས་གྲྭ་སོགས་དང་།      ཐུན་མིན་དཔལ་ལྡན་རྒྱལ་བ་ཇོ་ནང་བའི་རང་ལུགས་དབུ་མ་གཞན་སྟོང་གི་གཞུང་ལུགས་ལ་སློབ་གཉེར་བྱེད་བཞིན་པ་དང་།  ལོ་རེ་བཞིན་ས་ཟླའི་དུས་འཁོར་ལྷ་དགུའི་སྒྲུབ་མཆོད་དང་།  དབྱར་གནས།  བཟང་སྤྱོད་སྨོན་ལམ།   ལོ་གསར་དགུ་གཏོར་ལ་རྟ་མགྲིན་སོགས་ཆད་མེད་དུ་ཡོད་པ་བཅས་སོ།།                     
ངེས་གསང་དབུ་མ་ཆེན་པོའི་ལྷ་ལམ་དེས།།ལུང་རིགས་རྒྱུ་སྐར་ཕྲ་ཚོམ་དང་བཅས་དེ།།ཕྱོགས་དང་དུས་ཀྱི་རིས་སུ་མ་ཆད་པར།།གོ་ལ་ཟླུམ་པོའི་ཁྱོན་ཀུན་ཁྱབ་གྱུར་ཅིག།     དགེའོ།།


No comments:

Post a Comment